首    页 佛学院简介 传承上师 课 诵 集 开示问答 江玛印象 念经供养 法物流通

三主要道论   |   发布时间:2013-10-18 15:44

༄༅། །ལམ་གྱི་གཙོ་བོ་རྣམ་གསུམ་བཞུགས་སོ། །
三主要道论
 
རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།
杰怎喇嘛囊拉香擦洛   顶礼诸至尊上师
རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན།།
嘉沃颂绕根杰宁部敦   我随己力而宣说
རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ།།
嘉这当巴囊吉奥波朗   欲解脱者之津梁
སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་ཏེ།།
嘎丹塔多囊吉觉欧得   诸佛经典精华义
ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ།།
杰达怒信达给夏巴夏   一切菩萨所赞道
གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་།།
贡达哲波得拉玛巧香   不贪三有之安乐
དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས།།
达觉顿耶夏协赞巴意   为使暇满身具义
རྒྱལ་བ་དགྱེས་པའི་ལམ་ལ་ཡིད་སྟོན་པའི།།
嘉瓦吉波朗拉耶敦波   勤依佛悦之正道
སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན།།
嘎丹得达当沃耶吉念   具缘者当喜谛听
རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི།།
南达诶炯美巴哲措耶   无有清净出离心
བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ།།
得哲敦涅协沃套美拉   求有海乐无寂法
སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས།།
哲拉刚巴意炯利坚南   贪执世间束缚众
ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ།།
根宁钦协透玛诶炯匝   故当首先寻出离
དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ།།
达觉涅嘎才拉隆美巴   人生难得寿无常
ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག།
耶拉刚毕才迪朗希逗   修此可断今生执
ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས།།
利致么勒阔沃度阿南   无欺业果轮回苦
ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག།
永永桑毕协咪浓协逗   修此可断后世执
དེ་ལྟར་གོམས་པས
་འཁོར་བའི་ཕུན་ཚོགས་ལ།།
得达刚毕阔沃彭措拉   修后于诸轮回福
ཡིད་སྨོན་སྐད་གཅིག་ཙམ་ཡང་མི་སྐྱེ་ཞིང་།།
耶曼给吉臧央么杰香   刹那不生羡慕心
ཉིན་མཚན་ཀུན་ཏུ་ཐར་བ་དོན་གཉེར་བློ།།
涅灿根德塔瓦敦涅洛   日夜欲求得解脱
བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས།།
雄那得才诶炯吉巴劳   尔时已生出离心
ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས།།
诶炯得拥南达森杰吉   倘若于此出离心
ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི།།
森巴美那拉美香秋杰   未以菩提心摄持
ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས།།
彭措得沃觉日么觉为   不成菩提乐因故
བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད།།
洛丹囊吉香秋森秋吉   智者当发菩提心
ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།།
须照却沃协耶君吉切   思为猛烈四瀑冲
ཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས།།
逗嘎利杰钦瓦当部当   难挡业索紧束缚བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།།
达怎交杰扎沃部色慈   困于我执铁网内
མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།།
玛瑞门波芒钦根宁特   无明黑暗所笼罩
མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ།།
么美哲巴杰香杰瓦日   辗转投生三有中
སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར།།
度阿森吉君恰美巴那   不断感受三大苦
གནས་སྐབས་འདི་འདྲར་གྱུར་བའི་མ་རྣམས་ཀྱི།།
尼告德札觉沃玛南杰   成此惨状诸慈母
ངང་ཚུལ་བསམ་ནས་སེམས་མཆོག་བསྐྱེད་པར་མཛོད།།
翁慈桑宁森秋协巴作   是故当发殊胜心
གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།།
宁鲁逗波希绕么丹那   不具证悟实相慧
ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།།
诶炯香秋桑拉刚协炯   纵修出离菩提心
སྲིད་པའི་རྩ་བ་བཅ
ད་པར་མི་ནུས་པས།།
哲波匝瓦杰巴么怒比   亦不能断三有根
དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།།
得协丹宅逗波塔拉贝   故当勤证缘起法
གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི།།
冈希阔迪曲囊檀嘉杰   谁见轮涅一切法
རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་།།
觉哲南永乐瓦美通香   永无欺惑之因果
དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ།།
咪波迪所贡因根希巴   灭除一切所缘境
དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས།།
得呢桑吉杰波朗拉秀   此人踏上佛喜道
སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་།།
浓瓦丹宅勒瓦美巴当   何时分别各执著
སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས།།
东巴克蓝札沃果瓦您   无欺缘起之显现
ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།།
杰哲索索浓瓦代哲德   远离所许之空性
ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།།
达东特波贡巴逗巴美   尔时未证佛密意
ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ།།
囊协瑞久美巴吉嘉德   一旦无有轮翻时
རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས།།
丹宅么乐通瓦臧涅宁   现见无欺之缘起
ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན།།
诶希耶杰怎当根希那   断除一切执著相
དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།།
得才达沃夏巴组巴劳   尔时见解即圆满
གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་།།
言拥浓沃耶塔塞瓦当   了知以现除有边
སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད།།
东毕美塔塞香东巴涅   以空遣除无有边
རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན།།
觉当智波恰沃慈希那   缘起性空显现理
མཐའ་ འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ།།
塔怎达沃处巴么觉若   不为边执见所夺
དེ་ལྟར་ལམ་གྱི་གཙོ་བོ་རྣ
མ་གསུམ་གྱི།།
得达朗杰作沃囊森杰   如是三主要道论
གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ།།
内囊让给杰因度波才   自己如实通达时
དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས།།
问巴丹得赞珠道吉内   当依静处而精进
གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ།།
丹杰敦玛怒德智希沃   速修永久之佛果
ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པའོ།།
 

地址:四川省甘孜州石渠县西区江玛佛学院   |   邮编:627300   |   邮箱:jiangma@126.com   |   江玛寺转车路线   |   图登多吉仁波切的认可文书及手印
 

Copyright ©2005-2013  江玛佛学院  版权所有   |   粤ICP备05071478号