首    页 佛学院简介 传承上师 课 诵 集 开示问答 江玛印象 念经供养 法物流通

文殊语狮子修持仪轨   |   发布时间:2013-10-18 15:24

༄༅།།འཇམ་དཔལ་སྨྲ་བའི་སེངྒེའི་ སྒྲུབ་ཐབས་བཞུགས་སོ།།
文殊语狮子修持仪轨
 
དང་པོ་སྐྱབས་སེམས་ནི། 皈依发心:
ན་མོ།
南么          礼敬
དཀོན་མཆོག་གསུམ་འདུས་བླ་མ་འཇམ་དབྱངས་ལ། །
功秋松迪喇嘛将扬拉       三宝总集上师文殊尊
དུས་རྣམས་རྟག་ཏུ་བདག་ནི་སྐྱབས་སུ་མཆི། །
迪南达德达那嘉森切              一切诸时恒常我皈依
འགྲོ་བའི་དོན་དུ་བཅོམ་ལྡན་འཇམ་དཔལ་བསྒྲུབ།།  
卓威顿德炯丹坚巴哲                                                 利众故修妙音文殊尊
ལན་གསུམ། 三遍
གཉིས་པ་ལྷ་བསྐྱེད་ནི། 生起本尊:
སྟོང་པའི་ངང་ལས་པདྨ་ཟླ་བ་དང་། །
东波昂咧白玛达哇当             空性之中莲花明月垫
སེངྒེ་སྔོན་པོའི་སྟེང་དུ་དྷཱིཿཡིག་ལས། །
僧给温波当德滴宜利                                                蓝色狮子之上滴དྷཱིཿ字中
འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པས། །
沃珠屯尼西涅促迪彼                  放光成办二利作收摄
རང་ཉིད་འཇམ་དབྱངས་དམར་པོ་ཞལ་གཅིག་པ། །
让尼将扬玛波暇吉巴             自身即成一面红文殊
རལ་གྲི་པི་སྟི་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །
 哲布德怎将吉仲修       持执宝剑经书跏趺坐
ཐུགས་ཀར་བྷྲཱུྃ་ལས་འཁོར་ལོ་རྩིབས་བཞི་དམར། །
突嘎忠咧扩洛则以玛         心间珠"珠བྷྲཱུྃ"化红色四辐轮
དེ་སྟེང་རལ་གྲི་སོར་བཞི་སྔགས་ཀྱིས་བསྐོར། །
贴当 哲梭也那吉过        其上四指宝剑咒旋绕
མདུན་དུ་ཧྲཱིཿལས་དབྱངས་ཅན་ལྷ་མོ་སྔོ། །
敦德舍利扬建拉摩欧             于前"舍ཧྲཱིཿ"化蓝色妙音女
བཞེངས་སྟབས་རལ་གྲི་པུ་སྟི་ཕྱག་ན་འཛིན། །
 
央达 哲布德夏纳怎         立姿手持宝剑与经函
གཉིས་ཀ་དར་དང་རིན་ཆེན་དུ་མས་བརྒྱན། །
尼嘎达当仁钦德美建           二尊绸缎珍宝诸严饰
ཡུམ་གྱི་ཐུགས་ཀར་པདྨ་འདབ་བཞིའི་སྟེང་། །
雍吉突嘎白玛大息当         佛母心间四瓣莲花上
རང་འདྲའི་ཡེ་ཤེས་སྤྱན་དྲངས་རང་ལ་ཐིམ། །
让遮耶谢见章让拉腾         迎请如己智尊融自身
རལ་གྲི་ཧྲཱིཿས་མཚན་སྔགས་ཀྱིས་བསྐོར་བའོ། །
 哲舍灿厄吉过哇欧         "舍ཧྲཱིཿ"字为誌宝剑咒幔绕
(与自生本尊相同之智慧尊)
ཐུགས་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་དང་། །
突咧温杵桑杰向森当         心间放光摄集佛菩萨
0ནྜི་ ཏ་ཡི་ཤེས་རབ་ཐམས་ཅད་དང་། །
班智达宜西 檀嘉当         班智达等所有诸智慧
ཉན་རང་སོ་སྐྱེའི་ཤེས་རབ་ཐམས་ཅད་ནི། །
念让梭界西 檀嘉尼         声闻缘觉凡夫一切慧
འོད་ཀྱི་རྣམ་པར་བསྡུས་ནས་སྤྱི་བོར་ཐིམ། །
沃杰南巴读涅吉喔腾          摄诸光中融入于梵顶
སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་པོ་ཡི། །
迪诺森当居喋息沃宜             三藏以及四部密续等
ཆོས་རྣམས་བསྡུས་ནས་རང་གི་མགྲིན་པར་ཐིམ། །
却南读涅让格仁巴腾         摄集诸法融入自喉间
ཉི་ཟླ་ནོར་བུ་འབྱུང་བ་བཞི་ཡི་བཅུད། །
尼达诺沃炯哇西宜居             日月宝珠四大之精华
བསྡུས་ནས་རང་གི་སྙིང་གར་ཐིམ་པར་གྱུར། །
读涅让格酿卡腾巴杰         汇集摄受融入自心间
ཨོྃ་ཧྲཱིཿདྷཱིི་མ་མེ་དི་བཾ་མཉྫཱ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྡྷི་ནི་ཧྲཱིཿ་དྷཱིཿ་སྭཱ་ཧཱ།
嗡 舍德 玛美 达哇 曼则西  蒙舍札嘉 哇达尼  舍德 梭哈
རང་ལས་སྤྲུལ་བའི་མཆོད་པའི་ལྷ་མོ་ནི། །
让咧珠威却贝拉摩尼         自心幻现供养天女众
ནམ་མཁར་གང་བར་སྤྲུལ་ཏེ་ལྷ་
ལ་མཆོད། །
南卡岗哇珠喋拉拉却         遍满虚空供养诸圣尊
ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། ། 
涅效敦当多波云丹阿         七种受用及与五妙欲
(八供中之饮水、浴水合供成七供)
རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱད། །
嘉哲顿当扎西则达杰 轮王七宝瑞物八吉祥
(八吉祥物与八吉祥誌)
རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་ཀུན། །
热 郎耶拉咪隆觉棍         须弥四洲天人诸受用
བློ་ཡིས་བླངས་ཏེ་འཇམ་དཔལ་ཡབ་ཡུམ་མཆོད། །
罗宜浪喋将巴雅雍秋         意摄供养文殊父母尊
བདག་ལ་བཀའ་དང་བསྟན་བཅོས་ཐམས་ཅད་ནི། །
达拉嘎当丹久檀嘉尼         予我一切经教及论典
ཐོགས་མེད་མཁྱེན་པའི་ཤེས་རབ་མྱུར་དུ་སྩོལ། །
托美千贝西 纽得作         速赐无碍遍知之智慧
སེངྒེ་པདྨའི་གདན་སྟེང་དུ། །
僧给白玛丹当德                  狮子莲花座垫上
རྒྱལ་བའི་སྲས་པོ་འཇམ་པའི་དབྱངས། །
嘉沃哲波将布央                  诸佛胜子文殊尊
མདོག་དམར་རལ་གྲི་པུ་སྟི་འཛིན། །
多玛 哲布德怎                  身红持剑捧经卷
སྨྲ་བའི་སེངྒེ་ལ་ཕྱག་འཚལ། །
玛沃僧给拉香擦                  顶礼文殊语狮子
ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །
秋皆尼迪丹当德                  莲花日月坐垫上
སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །
桑杰檀嘉皆波雍                  一切诸佛之生母
མདོག་སྔོན་རལ་གྲི་པུ་སྟི་འཛིན། །
多欧 哲布德怎                  身蓝持剑捧经卷
དབྱངས་ཅན་མ་ལ་ཕྱག་འཚལ་ལོ། ། 
扬建玛拉香擦洛                  顶礼妙音天女尊
དེ་ཡང་རྒྱུན་དུ་འདོན་རྒྱུ་དང་། །སྔགས་དེ་བརྒྱ་ཕྲག་རེ་ཟུང་ཙམ། །རྒྱུན
་དུ་ཐུགས་དམ་བྱེད་པར་གཅེས། །དེ་ཡི་ཕན་ཡོན་རྒྱུད་གཞུང་ལས། །སྔགས་ཀྱི་ཕྲེང་བ་ཉི་ཤུ་གཅིག །བརྒྱ་ཡིས་མི་བརྗེད་གཟུངས་ཐོབ་འགྱུར། །སྟོང་གིས་སྒྲ་སྐད་ཀུན་ལ་མཁས། །ཁྲི་ཡི་ཉིན་རེ་ཤྭ་ལོ་ཀ །ལྔ་སྟོང་རེ་རེ་འཛིན་པར་ནུས། །ཡི་གེ་ཐམས་ཅད་ཐོགས་མེད་ཤེས། །བཀའ་འགྲེལ་བསྟན་བཅོས་རྩོམ་པར་ནུས། །མངོན་པར་ཤེས་པ་འཆད་པ་དང་། །ཕྱིས་ནས་ས་ཡི་དབང་ཕྱུག་ཐོབ། །གལ་ཏེ་ལས་འཕྲོ་ཡོད་པའི་ན། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །འབྲིང་གིས་གཉིས་ཀྱིས་རྟོགས་པར་འགྱུར། །ཉི་མ་གསུམ་གྱིས་བསྒྲུབས་པས་ནི། །ལས་འཕྲོ་མེད་ཀྱང་འགྲུབ་པར་འགྱུར། །ཉི་མ་ཤར་དང་མེ་ཏོག་ཐུ། །ཞིང་རྨོས་སྣག་ཚ་འཐུང་བ་དང་། །ཉམས་དགའ་ཡི་གེ་འབྲི་ཀློག་དང་། །མཆོད་ཆ་པུ་སྟི་རྙེད་རྨིས་ན། །ཤེས་རབ་འཕེལ་བར་ཐེ་ཚོམ་མེད། །དེ་སྐད་རྒྱ་གར་པཎ་ཌི་ཏ། །ཀ་མ་ཤི་ལས་གསུངས་བ་ཡིན། །རྒྱ་གར་ཡུལ་གྱི་མི་རྒན་ནི། །ལོ་ནི་དགུ་བཅུ་གོ་དགུ་པ། །ཡི་གེ་ཡང་ནི་མི་ཤེས་པས། །ཞག་གཅིག་བསྒྲུབ་པའི་འཇམ་དབྱངས་མཇལ། །ལུས་ཀྱང་གཞོན་ནུ་ལོ་བརྒྱད་ཙམ། །རིག་པའི་གནས་ལྔ་ཐོགས་མེད་ཤེས། །པཎྜི་ཏ་ནི་མཁས་པར་གྱུར། །དེ་ལ་ཕ་གཅིག་དམ་པས་ཞུས། །རིམ་གྱིས་བརྒྱུད་དེ་ཀརྨ་པ། །དབང་ཕྱུག་རྡོ་རྗེས་མཛད་པ་ཡི། །གཅིག་ཤེས་ཀུན་གྲོལ་ནང་ན་བཞུགས། །འཇམ་དབྱངས་སྒྲུབ་པ་ཐམས་ཅད་ལ། །འདི་ལས་འགྲུབ་ཐག་ཉེ་བ་མེད། །འདི་ཡི་ལས་ཚོགས་ཤེས་རབ་ཀྱིས། །རིལ་བུ་སྔར་དུས་བདག་གིས་བསྒྲུབ། །སུས་ཟོས་ཕལ་ཆེར་མཁས་པར་གྱུར། །དེ་ཕྱིར་ད
་ལམ་སྙིང་གི་བུ། །པདྨ་འཕྲིན་ལས་ཐུགས་དམ་ཡིན། །སྔགས་ཀྱི་བསྙེན་པ་ཅི་སོགས་ཀྱིས། །ཡོན་ཏན་ཤུགས་ལ་མཁས་པར་གྱུར། །བསྟན་འཛིན་འགྲོ་དོན་ནུས་པ་ཡི། །གེ་མོ་བླ་མ་ཞེས་བྱ་བ། །མཁས་པ་ཆེན་པོར་འགྱུར་བར་ཤོག །སརྦ་མངྒ་ལཾ། །
恒常念修此仪轨,念诵此咒一二百,恒时守护诸誓言,彼之功德续部宣。二十一字之咒鬘,诵百遍获不忘持,千遍通达诸言语,日诵此咒至万遍,即能背诵五千偈,一切文字无碍知,能于诸经作诠释,种种神通皆现前,终能达到自在地。倘若宿世胜因缘,修持一天获成就,中等两天获证悟,修持此法三天者,既无宿缘亦成就。旭日升起百花绽,耕耘田地饮墨汁,欢喜读写诸文字,供器经函梦相获,智慧增上勿置疑。此乃印度班智达,噶玛希拉所说也。印度圣境一老人,高龄已至九十九,不识文字勤修持,一日得见文殊尊,身如八岁童子相,无碍通达五明处,成为智者班智达。帕杰丹巴求于彼,次第传至噶玛巴,旺修多吉撰成文,录于《一智遍解》中。一切文殊之修法,无有余法过于彼。此乃智慧之汇集,日前吾修甘露丸,吃者多数获智慧。是故我之胜心子,巴玛陈利立誓言,念诵密咒等如是,功德威力成智者。持教利众具能力,称为给莫喇嘛名,唯愿成为大智者。萨瓦芒嘎朗(吉祥圆满)!
 

地址:四川省甘孜州石渠县西区江玛佛学院   |   邮编:627300   |   邮箱:jiangma@126.com   |   江玛寺转车路线   |   图登多吉仁波切的认可文书及手印
 

Copyright ©2005-2013  江玛佛学院  版权所有   |   粤ICP备05071478号